འབྲུག་ཨོ་ལིམ་པིག་ཚོགས་སྡེ།
འབྲུག་ཨོ་ལིམ་པིག་ཚོགས་ཆུང་ འདི་ སྤྱི་ལོ་༡༩༨༣ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ འབྲུག་རྒྱལ་ བཞི་པ་མཆོག་གིས་ སྲིད་འཛིན་སྦེ་ གཞི་བཙུགས་འབད་ཡོདཔ་ད་ ཚོགས་ ཆུང་ གི་ཡིག་ཚང་ལྟེ་བ་འདི་ འབྲུག་གི་ རྒྱལ་ས་ ཐིམ་ཕུག་ ལུ་ཡོདཔ་ཨིན། ངོས་ལེན་འདི་གི་ཤུལ་ལས་ འབྲུག་གིས་ སྤྱི་ལོ་༡༩༨༤ ལུ་ ལོས་ཨེན་ཇི་ལོས་ ལུ་འགོ་འདྲེན་འཐབ་མི་ ཨོ་ལིམ་པིག་རྩེད་འགྲན་ ནང་ འགོ་དང་པ་ བཅའ་མར་གཏོགས་ཡོདཔ་ད་ དེ་བསྒང་ མདའ་ རྩེདཔ་ ཕོ་སྐྱེས་༣ དང་ ཨམ་སྲུ་༣ གྱིས་ འབྲུག་གི་ངོ་ཚབ་སྦེ་ བཅའ་མར་གཏོགས་ཡོདཔ་ཨིན་པས།