འབྲུག་གི་བྱུང་རབ།

རྒྱལ་ཁབ་ཀྱི་ངོ་སྤྲོད།

ཞུན་དག

༆   དུས་རབས་༨་པ་ཚུན་ང་བཅས་རའི་རྒྱལ་ཁབ་འདི་མོན་ཡུལ་སྦེ་སྡོད་ཡོདཔ་དང་དེ་ལས་རིམ་བཞིན་དུ་མི་སྡེ་དག་པ་རེ་ཆགས་པའི་ཤུལ་རྒྱ་གར་དང་ཁྱིམ་ཚང་རྒྱལ་ཁབ་གི་རྒྱལ་སྲས་དག་པ་རེ་བྱོན་ཏེ་གཞི་ཆགས་ཡོདཔ་ཨིན། དཔེར་ན་བུམ་ཐང་ལུ་སིན་དྷུ་རཱ་ཛ་གཞི་ཆགས་ནུག།

 
སངས༌རྒྲས།

རྒྱལ་ཁབ་ནང་དུས་རབ་༨ པ་ནས་༡༧ ཚུན་བླམ་ཚུ་བྱོན་སྟེ་རང་རང་སོ་སོའི་ཆོས་ལུགས་དར་ནི་འགོ་བཙུགས་ཡོདཔ་ཨིན། དེ་ལས་དུས་རབ་༡༧ པ་ལས ༡༩ ནང་ལུ་བླམ་ཞབས་དྲུང་རིན་པོ་ཆེ་འབྲུག་ལུ་བྱོན་ཏེ་རྒྱལ་ཁབ་དབང་ལུ་འདུས་ཆོས་སྲིད་ལུགས་གཉིས་གཞི་བཙུགས་ཡོདཔ་ཨིན། དུས་རབ་༡༩་ལས་རྒྱལ་ཁབ་ནང་རྒྱལ་རིམ་སྲིད་སྐྱོང་མཛད་རིམ་གཞི་བཙུགས་ཡོདཔ་ཨིན། དེ་ཡང་སྤྱི་ལོ་༡༩༠༧ ལུ་མི་དབང་འབྲུག་རྒྱལ་དང་པ་ཁྲི་མངའ་སྲོལ་གནང་ཡོདཔ་ཨིན། སྤྱི་ལོ་༢༠༠༨་ལས་དམངས་གཙོའི་ལམ་ལུགས་བློན་ཆེན་དང་བློན་པོ་ལྷན་རྒྱས་ཀྱིས་ལོ་ལྔ་རེ་གཞུང་སྐྱོང་ལཱ་འགན་འབག་ཡོདཔ་ཨིན།[]ང་བཅས་ནང་འཁོད་ལུ་རྒྱལ་ཁབ་ཀྱི་མིང་འབྲུག་གི་རྒྱལ་ཁབ་ཟེར་སླབ་གསོལ་ཡོདཔ་ཨིན། རྒྱལ་ཁབ་ནང་ལུ་སྡོད་མའི་མི་ལུ་འབྲུག་པ་ཟེར་སླབ་ཨིན། ང་བཅས་ཀྱི་རྒྱལ་ཁབ་འདི་ལྷོ་ཨེ་ཤི་ཡའི་གླིང་ཆེན་ནང་ཡོདཔ་ཨིན། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདིའི་མཐའ་སྐོར་བོད་ཀྱི་རྒྱལ་ཁབ་དང་རྒྱ་གར་གྱི་རྒྱལ་ཁབ་ཆགས་ཡོདཔ་ཨིན།རྒྱལ་ཁབ་ཀྱི་ས་གཞི་ཀི་ལོ་མི་ཊར་གྲུ་བཞི་ ༣༨,༣༩༤ ཡོདཔ་ཨིན་། མི་རློབས་འབད་བ་ཅིན་༧༦༣,༢༨༡ ༼སྤྱི་ལོ་༢༠༢༢ ལུ།༽ཡོདཔ་ཨིན།  ང་བཅས་འབྲུག་གི་རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་ཆགས་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ངོ་རྟགས་བཟང་པོ་ཡང་ན་ཁྱད་ཆོས་བཟང་པོ་འདི་འབད་བ་ཅིན་དྲུག་ཡོདཔ་ཨིན། ཁྱད་ཆོས་བཟང་པོ་དྲུག་ནི།༡༽རྒྱལ་ཡོངས་སྐད་འདི་རྫོང་ཁ་དང་ ༢༽རྒྱལ་ཡོངས་སེམས་ཅན་འདི་འབྲོང་གྱིམ་ཙི་དང་ ༣༽རྒྱལ་ཡོངས་བྱ་འདི་ཨོ་རོག་དང་༤༽རྒྱལ་ཡོངས་ཤིང་འདི་ཙན་དན་དང་༥༽རྒྱལ་ཡོངས་མེ་ཏོག་འདི་ཚེར་སྔོན་མེ་ཏོག་དང་༦༽རྒྱལ་ཡོངས་གྱོན་ཆས་འདི་གོ་དང་དཀྱི་ར་འདི་་ཚུ་ཡོདཔ་ཨིན།[]

[]

  1. འབྲུག - Wikipedia
  2. འབྲུག མོང་སྒར་རྫོང་།། འབྲུག་ ( རྫོང་ཁ - ཨིང་ལིཤ ) འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་གྱི་མཚན་ལ་འཇིགས་མེད་འོད་ཟེར་ཕྲིན་ལས་ཞེས་གོང་དྲ་ངོས་ཀྱི་གཡས་ཕྱོགས་སུ་བྲིས་འདུག ༈ འབྲུག་གི་རྒྱལ་པོའི་བརྟན་བཞུགས།...
  3. འབྲུག མོང་སྒར་རྫོང་།། འབྲུག་ ( རྫོང་ཁ - ཨིང་ལིཤ ) འབྲུག་རྒྱལ་ཁབ་ཀྱི་སྲིད་བློན་གྱི་མཚན་ལ་འཇིགས་མེད་འོད་ཟེར་ཕྲིན་ལས་ཞེས་གོང་དྲ་ངོས་ཀྱི་གཡས་ཕྱོགས་སུ་བྲིས་འདུག ༈ འབྲུག་གི་རྒྱལ་པོའི་བརྟན་བཞུགས།...