མཁོ་ཐང་ཁ།
ངོ་སྤྲོད།
ཞུན་དགདབང་འདུས་རྫོང་ཁག སྦྱེད་ནག་རྒེད་འོག་གི་མངའ་འོག་ལུ་ཡོད་པའི་གཡུས་ཚན་ཅིག་ཨིན། ས་གནས་འདི་མཐའ་འཁོར་ལས་རི་དང་ཤིང་སྣ་གིས་བསྐོར་བའི་གཡུས་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་ཅིག་ཨིན། གཡུས་དེ་ཁ་མཐོ་ས་མཚམས་སུ་ཅིག་ཁར་ཨིནམ་ལས་ གནམ་དགུན་ལུ་ལྷ་བྱ་ཁྲུང་ཁྲུང་ཚུ་ཡང་འཁོར་སའི་ཞིང་ཁམས་ཅིག་ཨིན།[༡]
སྔོན་མ་གཡུས་ཚན་འདི་གི་གཞུང་ལམ་འདི་དཀའ་ངལ་ཅན་ཅིག་སྦེ་ཡོད་འདི་འབད་རུང་། ༧ མི་དབང་འཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ཐུགས་དགོངས་ལས་འཁྲུངས་པའི་རྒྱལ་སྲུང་གི་ལས་འགུལ་ཅིག་ཤེལ་ལེ་ལུ་ཐོབ་ཡོད་མི་འདི་གིས། སྤྱི་ལོ་ ༢༠༢༢ ལོ་ལས་གཞུང་ལམ་ལེགས་བཅོས་གནང་འདི་རྩི་ནག་གཏང་འདི་ཡོདཔ་ཨིན།[༢]
གནས་རིགས།
ཞུན་དགགཡུས་ཚན་འདི་གི་ཕྱོགས་ག་ར་གནས་བྱིན་ཅན་མང་རབས་ཅིག་གི་སྐོར་འདི་ཡོད། དེ་ཡང་རིན་ཆེན་གླིང་། Ι Rinchenling, Khotakha རྡོ་ལུང་དགོན་པ། ཕག་མའི་གནས། གྱང་གསར་རྫོང་། བྲག་བྱང་ཆུབ། སྒང་ཁ་ལོག བདེ་ཆེན་བྲག་ཕུག ས་གསེར་བྲག་ཕུག རྫ་རྫི་བྲག་ཕུག མཁའ་འགྲོ་མའི་གནས། རྟ་མགྲིན་གནས། ཚོགས་འཁོར་ལོག ཀ་ཤ་རྭ་བ། ཕྱག་བྲིས་གནས། སྤྱི་པའི་སྒང་། སྐྱིད་པའི་བྱུང་གནས། དགོན་རྙིང་། དགོན་གསར། རྭ་བྲག་སྒང་། བ་ལིང་དགོན་པ། སྒྲུབ་པའི་སྒང་ཚུ་ཡོདཔ་ཨིན།[༣]
ཁ་སྐོང་།
ཞུན་དགགཡུས་ཚན་འདི་ན་སློབ་སྦྱོང་གི་དོན་ལུ། ནང་ཆོས་སློབ་སྦྱོང་ལྟེ་བ་འབྲིང་རིམ་བཤད་གྲྭ་རིན་ཆེན་གླིང་། Ι Rinchenling, Khotakha དང་། རྡོ་ལུང་དགོན་འཛིན་གྲྭ་ཚང་། གྱང་གསར་སློབ་གྲྭ་ཚུ་དང་། ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་ཁང་མཁོ་ཐང་མི་སྡེ་སློབ་གྲྭ་ཆུང་བ་ཚུ་ཡོདཔ་ཨིན།[༤]