བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག། Ι Ministry of Information and Communication

བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག།

ཞུན་དག

འབྲུག་རྒྱལ་ཁབ་ནང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁགའདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་དང་འཁྲིལ་ འབྲུག་གི་བརྡ་དོན་གྱི་ མི་སྡེ་བརྡ་དོན་འཕྲུལ་རིག་དང་བརྡ་བརྒྱུད་སྡེ་ཚན་ཚུ་ ནུས་ཤུགས་ཅན་སྦེ་ཡར་འཕར་འགྱོ་ནི་གི་དོན་ལུ་གཞི་བཙུགས་འབད་ཡོདཔ་ཨིན།  དེ་དང་ཅིག་ཁར་ བརྡ་དོན་འཕྲུལ་རིག་དང་བརྡ་བརྒྱུད་སྡེ་ཚན་ཚུ་  འོས་འབབ་ལྡན་པའི༌ གནས་སྟངས་བཟོ་སྟེ་ ཡར་དྲག་དང་གོང་འཕེལ་གཏང་ནི་གི་དོན་ལུ་ཨིན་མས།

འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་བཅའ་ཁྲིམས།

ཞུན་དག

འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་བཅའ་ཁྲིམས་ ༢༠༡༨ ཅན་མ་བལྟར་ལྷན་ཁག་གིས་ འགན་འཁུར་དང་བྱ་སྒོ་ཚུ་ཡང་

Ø  ལྕོགས་གྲུབ་ཞིབ་འཚོལ་གསར་བཙུགས་དང་ ཚོང་ལས་ཀྱི་ཐོག་ལས་ བརྡ་དོན་འཕྲུལ་རིག་དང་ བརྡ་བརྒྱུད་ཁང་ཚུ་ནང་ ཡོངས་རྫོགས་ཀྱི་གོང་འཕེལ་དང་ཡར་རྒྱས་གཏང་དགོ།

ཞུན་དག

Ø  དོ་འགྲན་དང་ཡུན་བརྟན་ཅན་གྱི་ བརྡ་བརྒྱུད་བཟོ་གྲྭ་ཁང་སྒྲིང་སྒྲིང་བཟོ་ནི་གི་དོན་ལུ་མི་མང་དང་སྒེར་སྡེ་ཚུ་ལུ་བརྡ་དོན་འཕྲུལ་རིག་དང་ འབྲེལ་ཡོད་བརྡ་བརྒྱུད་ཚུ་ལུ་ མཉམ་འབྲེལ་ཁ་བཀོད་དང་ རྒྱབ་སྐྱོར་འབད་དགོ།

ཞུན་དག

Ø  བརྡ་དོན་འཕྲུལ་རིག་དང་ བརྡ་བརྒྱུད་དང་འབྲེལ་བའི་ཁྲིམས་ལུགས་ སྲིད་བྱུས་དང་ འཆར་གཞི་ཚུ་བརྩམ་དགོ།

ཞུན་དག

Ø  རླུང་འཕྲིན་རྒྱུན་འབྲེལ་གྱི་མཁོ་ཆས་ཚུ་བརྩིས་ཏེ་ བརྡ་དོན་འཕྲུལ་རིག་གི་དོན་ལུ་འོས་འཚམས་ཅན་གྱི་དབྱེ་ཨང་དང་ གནས་ཚད་ཚུ་ འབྲུག་གི་གནས་ཚད་ལས་ཁང་ལུ་ གནང་བའི་དོན་ལུ་ གྲོས་འབུལ་ཕུལ་དགོ།

ཞུན་དག

Ø  བཅའ་ཁྲིམས་གི་དགོངས་དོན་ཚུ་ བསྟར་སྤྱོད་འབད་ནིའི་དོན་ལུ་ བཅའ་ཡིག་དང་སྒྲིགས་གཞི་ཚུ་ཆ་འཇོག་འབད་ནི་བརྩིས་ཏེ་ ཁྲལ་དང་གོང་ཚད་ཀྱི་སྲིད་བྱུས་ལམ་སྟོན་ཚུ་གནང་དགོཔ་འབད་ཡོདཔ།

ཞུན་དག

ལས་ཁུངས། 

ཞུན་དག

འབྲུག་གི་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་འོག་གི་ལས་ཁུངས་ཚུ་ཡང་

༡༽ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན།

ཞུན་དག

༢༽ བརྡ་དོན་འཕྲུལ་རིག་དང་བརྒྱུད་འཕྲིན་ལས་ཁུངས།

ཞུན་དག

༣༽ གནམ་གྲུ་སྐྱེལ་འདྲེན་ལས་ཁུངས།

ཞུན་དག

༤༽ བརྡ་དོན་དང་བརྡ་བརྒྱུད་ལས་ཁུངས།

ཞུན་དག

དེ་མ་ཚད་ འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་ཡང་  རང་དབང་ཡོད་པའི་ལས་སྡེ་གཅིག་ཨིན་རུང་ལས་སྡེ་གི་ལས་འགུལ་དང་ཕྱག་འགན་ག་ཅི་མཛད་རུང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་མཉམ་ མཉམ་འབྲེལ་འབད་དགོཔ་ཡོདཔ་ཨིན། འདི་ཡང་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་དང་འཁྲིལ་ འབྲུག་གི་བརྡ་དོན་གྱི་མི་སྡེ་དང་ བརྡ་དོན་འཕྲུལ་རིག་དང་བརྡ་བརྒྱུད་སྡེ་ཚན་ཚུ་ ནུས་ཤུགས་ཅན་སྦེ་ཡར་འཕར་འགྱོ་ནི་གི་དོན་ལུ་ འོས་འབབ་ལྡན་པའི༌ གནས་སྟངས་བཟོ་སྟེ་ དོ་འགྲན་ཚུ་ངེས་བརྟན་བཟོ་ནི་གི་དོན་ལུ་ཨིན་པས།

དབང་འཛིན་གཞི་བཙུགས།

ཞུན་དག

དབང་འཛིན་གཞི་བཙུགས་དེ་ཡང་ བཅའ་ཁྲིམས་ནང་འཁོད་ཡོད་པའི་ འགན་འཁུར་ཚུ་འབག་ནིའི་དོན་ལུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་ཟེར་མི་ རང་སྐྱོང་གི་རྒྱུན་བཀོད་དབང་འཛིན་ཅིག་འབད་དགོཔ་ལས་ཨིན་པས། དབང་འཛིན་འདི་ དྲུང་ཆེན་ཡིག་ཚང་གི་རྒྱབ་སྐྱོར་འབད་ཐོག་ གྲོས་ཐག་བཅད་ནི་དང་ འགན་གནས་ཅན་གྱི་འགན་ཁུར་ཚུ་འབག་ནིའི་དོན་ལུ་ དབང་འཛིན་འདི་ནང་ གཤམ་གསལ་འཐུས་མི་ཚུ་ཚུད་དགོཔ་ཨིན། བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་འདི་ཁྲི་འཛིན། ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལས་ ངོ་ཚབ་འཐུས་མི་གཅིག། བསྟན་རྒྱས་ལྷན་ཁག་ལས་ངོ་

ཚབ་འཐུས་མི་གཅིག། བརྡ་བརྒྱུད་ཡང་ན་གློག་བརྙན་བཟོ་གྲྭ་ཁང་ལས་མི་ངོ་གཅིག། བརྡ་དོན་འཕྲུལ་རིག་བཟོ་གྲྭ་ཁང་ལས་མི་ངོ་གཅིག། དྲུང་ཆེན་ཡིག་ཚང་གི་འགོ་འཛིན་འདི་འཐུས་མི་དྲུང་ཆེན་ཨིན།

ལྷན་ཁག་མེདཔ་བཟོ་ཡོདཔ།

ཞུན་དག

འབྲུག་གི་ཞི་གཡོག་ལེགས་སྒྱུར་བཅའ་ཁྲིམས་༢༠༢༢ ཅན་མ་དང་ཞི་གཡོག་ལྷན་ཚོགས་ལས་སྤྱི་

ཚེས་༣༠/༡༢/༢༠༢༢ ལུ་གནང་བའི་བཀའ་དང་འཁྲིལ་ཏེ་ ལྷན་ཁག་ཚུ་ལྷན་ཁག་དགུའི་ནང་གཞི་སྒྱུར་འབད་དེ་ བསྡབས་ཡོདཔ་ཨིན།

ལྷན་ཁག་དགུ།

ཞུན་དག

ལྷན་ཁག་དགུ་ཡང་

Ø  ནང་སྲིད་ལྷན་ཁག་དང།

Ø  ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག།

Ø  བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག།

Ø  གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག།

Ø  ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག།

Ø  གསོ་བའི་ལྷན་ཁག།

Ø  སོ་ནམ་དང་སྒོ་ནོར་ལྷན་ཁག།

Ø  དངུལ་རྩིས་ལྷན་ཁག།

Ø ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག།

ཚུ་ཨིན། ཧེ་མ་ཡོད་མི་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ མེདཔ་བཟོ་ཡོདཔ་ད་ དེ་ནང་ཡོད་པའི་ལས་ཁུངས་གང་རུང་ཡང་ན་ ལས་སྡེ་ཚུ་གོང་འཁོད་ཀྱི་ ལྷན་ཁག་ཚུ་གི་འོག་ལུ་བསྡབས་ཡོདཔ་ཨིན།

དེ་བཟུམ་སྦེ་ འབྲུག་གི་ཞི་གཡོག་ལེགས་སྒྱུར་བཅའ་ཁྲིམས་༢༠༢༢ དང་འཁྲིལ་ཏེ་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་ གཞི་བཙུགས་ འབད་ཡོདཔ་ཨིན། བརྡ་དོན་འཕྲུལ་རིག་དང་བརྒྱུད་འཕྲིན་ལས་ཁུངས་འདི་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་སྦེ་བརྩི་དགོཔ་ཨིནམ་ད་འབྲུག་གཞུང་འཕྲུལ་རིག་ལས་སྡེ་གིས་ སྲིད་བྱུས་བརྩམ་ནི་ བཅའ་ཡིག་ ཡང་ན་ སྒྲིག་གཞི་ཆ་འཇོག་འབད་ནི་དང་འབྲེལ་ཡོད་ཁྲིམས་ཚུ་གི་ ལག་ལེན་བརྩིས་པའི་ རྒྱལ་ཁབ་ནང་གི་བརྡ་དོན་བརྒྱུད་འབྲེལ་དང་ འཕྲུལ་རིག་དང་འབྲེལ་བའི་བྱ་སྒོ་ཚུ་བསྒྲུབ་དགོཔ་ཨིན་མས།

འབྲུག་གཞུང་འཕྲུལ་རིག་ལས་སྡེའི་དམིགས་ཡུལ་འདི་ འཕྲུལ་རིག་གི་ཐད་ཁར་ གོང་འཕེལ་གྱི་རྒྱལ་ཁབ་ཅིག་འབད་ དབང་ཤུགས་ཡོད་པའི་མི་ཁུངས་དང་ དཔལ་འབྱོར་ཡར་རྒྱས་འགྱོ་མི་ཅིག་འབད་སྡོད་དགོཔ་ཨིན།

དམིགས་དོན།

ཞུན་དག

དང་པ་འཕྲུལ་རིག་གི་ཐད་ཁར་ གྲུབ་འབྲས་ཅན་དང་ཕན་ཐོགས་ཅན་ཡོད་མི་གཞུང་ཅིག་གཞི་བཙུགས་འབད་ནི། གཉིས་པ་མི་སེར་ཚུ་ལྟེ་བ་ལུ་བཞག་སྟེ་ མི་མང་གི་ཞབས་ཏོག་ཚུ་ འགྱུར་བཅོས་འབད་ནི། གསུམ་པ་ ཉེན་སྲུང་ཅན་སྦེ་དཔལ་འབྱོར་ཡར་རྒྱས་འགྱོཝ་བཟོ་ནི་ཚུ་ཨིན་པས། 

འབྲུག་གཞུང་འཕྲུལ་རིག་ལས་སྡེ་འོག་གི་སྡེ་ཚན།

ཞུན་དག
 
'འབྲུག་གཞུང་འཕྲུལ་རིག་ལས་སྡེ།

འབྲུག་གཞུང་འཕྲུལ་རིག་ལས་སྡེ་འོག་ལུ་ བསྡོམས་ཀྱི་སྡེ་ཚན་༡༢ ཡོདཔ་ཨིན། དེ་ཚུ་ཡང་

༡༽ གློག་རིག་ཉེན་སྲུང་གི་སྡེ་ཚན།

༢༽ འཕྲུལ་རིག་དང་བཟོ་གྲྭ་གོང་འཕེལ་སྡེ་ཚན།

༣༽ གནས་སྡུད་ཚན་རིག་བཟོ་བཀོད་རིག་པ་སྡེ་ཚན།

༤༽ གློག་འཕྲིན་དང་གནམ་གྲུའི་སྡེ་ཚན།

༥༽ སྤྲིན་གྱི་ཞབས་ཏོག་སྡེ་ཚན།

༦༽ གཞུང་སྐྱོང་གི་ཡོངས་འབྲེལ་སྡེ་ཚན།

༧༽ གསར་འགྱུར་འབྱུང་མི་འཕྲུལ་རིག་སྡེ་ཚན།

༨༽ ཨང་ཅན་འགྱུར་བཅོས་སྡེ་ཚན།

༩༽  ཨང་ཅན་ཞབས་ཏོག་འགྱུར་བཅོས་སྡེ་ཚན།

༡༠༽ ཨང་ཅན་ཞབས་ཏོག་ལག་ལེན་འཐབ་ནི་དང་བདག་སྐྱོང་སྡེ་ཚན།

༡༡༽ ཡིག་ཚང་དང་བདག་སྐྱོང་གྱི་ཞབས་ཏོག་སྡེ་ཚན།

༡༢༽ གཞུང་ཡོངས་རྫོགས་ཀྱི་གློག་རིག་ལམ་ལུགས་སྡེ་ཚན།

འབྲུག་གཞུང་འཕྲུལ་རིག་ལས་སྡེ་གི་ ལས་འགུལ་གརྩོབོ་གཅིག་འདི་ འབྲུག་གི་རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཀྱི་ཕྱག་འགན་འདི་ཨིན། འཕྲུལ་རིག་ལག་ལེན་འཐབ་ཐོག་ རྒྱལ་ཡོངས་ཀྱི་དམིགས་གཏད་དང་ལྡན་པའི་ མི་སེར་གྱི་བདེ་ཐབས་ རྒྱལ་ཁབ་ཀྱི་ཡར་རྒྱས་དང་གོང་འཕེལ་བསྒྲུབ་ཐབས་ཀྱི་དོན་ལུ་ འབྲུག་གི་རྒྱལ་ཡོངས་ཨང་ཅན་ངོ་རྟགས་བཅའ་ཁྲིམས་ ༢༠༢༣ ཅན་མ་འདི་ཆ་འཇོག་མཛད་གྲུབ་ཨིན།

བཅའ་ཁྲིམས་འདི་ནང་གཙུག་སྡེའི་གཞི་བཀོད་འབད་བ་ཅིན་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་འཛིན་སྐྱོང་འདུས་ཚོགས་ཀྱི་འཐུས་མི་ཡང་ མི་ངོམ་ལྔ་ལས་མ་ལྷགཔ་ཅིག་འོང་དགོཔ་ཨིན་མས། འཐུས་མི་འདི་ཚུ་ཡང་དང་པ་ འབྲུག་གཞུང་འཕྲུལ་རིག་ལས་སྡེའི་ འགོ་འཛིན་པ། གཉིས་པ་ལྷན་རྒྱས་གཞུང་ཚོགས་ཀྱིས་ བསྐོ་བཞག་འབད་ཡོད་པའི་ འབྲེལ་ཡོད་གཞུང་གི་ལས་སྡེ་ནང་ལས་ ཞི་གཡོགཔ་གཉིས། གསུམ་པ་འབྲུག་གཞུང་འཕྲུལ་རིག་ལས་སྡེ་གིས་ ཁྱད་རིག་ཉམས་མྱོང་དང་འབྲེལ་ཡོད་རིམ་ལུགས་ཀྱི་ མཁས་མཆོག་ལུ་གཞི་བཞག་ཐོག་ བསྐོ་བཞག་འབད་ཡོད་པའི་འཐུས་མི་གཉིས་ དགོཔ་འབད་ཡོདཔ་ཨིན།

འཛིན་སྐྱོང་འདུས་ཚོགས་ཀྱི་ལཱ་འགན་ ཡང་དང་པ་འཛིན་སྐྱོང་འདུས་ཚོགས་ཀྱིས་ རྒྱལ་ཡོངས་ཨང་ཅན་ངོ་རྟགས་འཛིན་སྐྱོང་གཞི་བཀོད་ཀྱི་གནང་བ་གནང་ནི།  གཉིས་པ་ རྒྱལ་ཡོངས་ཨང་ཅན་ངོ་རྟགས་ཀྱི་ གཞི་རྟེན་མཁོ་ཆས་ཀྱི་གནང་བ་གནང་ནི།  གསུམ་པ་ བདག་སྐྱོང་འདུས་ཚོགས་ཀྱི་མཐུན་ཕྱོགས་ ལྟ་རྟོག་འབད་ནི།  བཞི་པ་ སྤྲོད་མི་དང་བདེན་སྦྱོར་འབད་མི་དེ་ལས་དེ་བཟུམ་གྱི་ལས་ཚན་གཞན་ཚུ་གིས་ གཅིག་བསྡོམས་འབད་ནིའི་དོན་ལུ་ གནང་བ་གནང་ནི་ཚུ་ཨིན་མས།

དེ་དང་གཅིག་ཁར་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་གི་ ལས་འགུལ་སོར་སོ་ཚུ་ཡང་ བཤམ་བསལ་བལྟར་ ཡོད་མི་ཚུ་ཨིན།

Ø ཡོངས་འབྲེལ་ཐོག་ལས་མཉམ་འབྲེལ་གྱི་འཆར་གཞི་དང་ལས་འགུལ།

Ø  གཞུང་ལས་གཞུང་གྱི་འཕྲུལ་ཆས་ལག་ལེན་འཐབ་པའི་ལས་འགུལ་ཚུ་ འཕྲུལ་ཆས་ལག་ལེན་འཐབ་ཐོག་བཟོ་ནི།

Ø  ཐིམ་ཕུག་གི་ས་ཁོངས་རྒྱ་ཆེ་བའི་ཡོངས་འབྲེལ་གྱི་ལས་འགུལ་དང་འཆར་གཞི།

Ø  ནང་འཁོད་ཡོངས་འབྲེལ་གྱི་ལས་འགུལ་དང་འཆར་གཞི།

Ø  གནས་སྡུད་ལྟེ་བ་ལས་འགུལ་དང་འཆར་གཞི།

Ø  བརྡ་དོན་ཉེན་སྲུང་ལས་འགུལ་དང་འཆར་གཞི།

Ø  གློག་རིག་གི་ ཕྱགས་སྙིགས་འཛིན་སྐྱོང་ལས་འགུལ་དང་འཆར་གཞི།

Ø  གློག་བརྙན་ཚོགས་པའི་ལམ་ལུགས་ཞལ་འཛོམས་ཀྱི་ལས་འགུལ་དང་འཆར་གཞི།

Ø  ནང་འཁོད་ཡོངས་འབྲེལ་གྱི་བརྗེ་སོར་ལས་འགུལ་དང་འཆར་གཞི།

Ø  སློབ་གྲྭ་དང་སྨན་ཁང་ལུ་ཡོངས་འབྲེལ་མཐུད་འབྲེལ་ལས་འགུལ་དང་འཆར་གཞི།

Ø  གློག་འཕྲིན་གྱི་སློབ་སྦྱོང་ལས་འགུལ་དང་འཆར་གཞི།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

ཞུན་དག

༡༽   འབྲུག་གཞུང་འཕྲུལ་རིག་ལས་སྡེ། https://tech.gov.bt/projects

༢༽   རྒྱལ་གཞུང་ཞི་གཡོག་ལྷན་ཚོགས། https://www.ecb.bt/elections/

༣༽   འབྲུག་གི་སྤྱི་ཚོགས།༼གནམ་ལོ་མེད་༢༠༢༣༽ འབྲུག་གི་རྒྱལ་ཡོངས་ཨང་ཅན་ངོ་རྟགས་བཅའ་ཁྲིམས་༢༠༢༣ ཅན་མ། https://web.archive.org/web/20240329043536/https://www.nab.gov.bt/assets/uploads/docs/acts/2023/National_Digital_Identity_Act_of_Bhutan_2023F.pdf

༤༽   འབྲུག་གི་སྤྱི་ཚོགས།༼གནམ་ལོ་མེད་༢༠༢༢༽ འབྲུག་གི་ཞི་གཡོག་ལེགས་སྒྱུར་བཅའ་ཁྲིམས་༢༠༢༢ ཅན་མ། https://www.rcsc.gov.bt/wp-content/uploads/2022/12/Civil-Service-Reform-Act-of-Bhutan-2022.pdf

༥༽   བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན༼གནམ་ལོ་མེད་༢༠༡༨༽ འབྲུག་གི་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་བཅའ་ཁྲིམས་༢༠༡༨ ཅན་མ། https://www.bicma.gov.bt/bicmanew/data/publications/act/+BICM_Act_2018_English.pdf