སྤ་གྲོ་ལྟ་རྫོང། Ι Ta Dzong, Paro
ངོ་སྤོད།
ཞུན་དགདུས་རབ་ ༡༧ པ་ནང་ལུ་ སྟོབས་ཆེ་བའི་རྒྱལ་ཁབ་བོད་དང་རྒྱ་གར་ལས་ འབྲུག་རྒྱལ་ཁབ་དབང་དུ་བསྡུ་ནིའི་བསམ་པ་བསྐྱེད་དེ་ དམག་གི་འཇིགས་པ་ཚུ་ལན་ཐེངས་མང་རབ་ཅིག་བྱུང་ཡོདཔ་ལས། ང་བཅས་རའི་འབྲུག་རྒྱལ་ཁབ་དང་ ལྷག་པར་དུ་སྤ་གྲོ་རིན་ཆེན་སྤུངས་རྫོང་དེ་ དམག་དེ་ཚུ་ལས་སྲུང་སྐྱོབ་འབད་ནི་གི་དོན་ལུ། ག་ནི་བ་ཉམས་དགའ་བའི་སྤ་གྲོ་ཡུལ་གྱི་ལྟེ་བ་ ཧཱུྃ་རལ་བྱག་གི་ས་སྒོ་རིན་ཆེན་སྤུངས་རྫོང་ལས་མཐོ་ཚད་མི་ཊར་ ༥༠༠ གི་གོང་ལུ་སྤྱི་ལོ་ ༡༦༤༩ ལུ་ཐོག་ཚད་བདུན་འབད་མི་བཞེངས་ཏེ་ ཐོག་ཚད་རེ་རེ་ནང་ལུ་ སྐར་ཁུང་ཡང་ལེ་ཤ་མཐོང་ནི་ཡོད། དེ་དམག་དཔུང་ཚུ་འོང་ག་མ་འོང་བལྟ་ནི་གི་དོན་ལུ་ཨིནམ་ལས་ དེ་ལུ་མིང་ཡང་སྤ་གྲོ་ལྟ་རྫོང་ཟེར་བཏགས་གནང་ནུག།
ལྟ་རྫོང་ཟེར་འབྲི་དགོ་པའི་སྐོ།
ཞུན་དགང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ རྒྱལ་ཁབ་རང་དབང་རང་བཙན་བཞག་ཐབས་དང་། རྫོང་གཞི་ཚུ་ཕྱིའི་དམག་དཔུང་ལས་ སྲུང་སྐྱོབ་འབད་ནི་གི་དོན་ལས་ལྟ་རྫོང་མང་རབ་ཅིག་ཡོད་པའི་གྲལ་ལས་ གཅིག་སྤ་རོ་ལྟ་རྫོང་དེ་ཨིན། དེ་ཡང་འབྲུག་རྒྱལ་ཡོངས་འགྲེམས་སྟོན་ཁང་སྤ་རོ། ནུབ་རྫོང་དཔའ་བོའི་གད་རྒྱང་། (གནམ་ལོ་མེད་སྤྱི་ལོ་ ༢༠༠༩ ཞིབ་འཚོལ་འགོ་རིམ་བཞི་པ་ ཁ ཤོག་གྲངས་ ༦༥) རྫོང་འདི་གི་མིང་ལུ་ཡང་སླབ་སྲོལ། ལྟ་རྫོང་དང་། ལྟག་རྫོང་། སྟག་རྫོང་ཟེར་བྲིས་སྲོལ་ལེ་ཤ་ཡོད།
ཨིན་རུང་ལྟ་རྫོང་གི་ཡིག་སྡེབ་ཚུ་ཅོག་འཐདཔ་ ལྟ་རྫོང་ཟེར་འབྲི་དགོ་པའི་སྐོར་ཞལ་འཛོམས་ཐེངས་བཞི་པའི་ནང་ མཁས་པ་ཆ་མཉམ་ཞལ་འཆམ་བྱུང་བ་ལྟར་ ད་ལས་ཕར་ལྟ་རྫོང་འདི་ རྫོང་གི་ལྟག་དང་གཡས་གཡོན་འོག་སོགས་ ག་སྟེ་ལུ་བཞེངས་ཏེ་ཡོད་རུང་ དུས་ད་ལྟ་བའི་ཡིག་སྡེབ་ ལྟ་རྫོང་ཟེར་འབྲི་དགོ་དོན་གསུངས་པ་བཞིན་ ང་གི་བྲིས་རྩོམ་འདི་ནང་ལུ་ཡང་མཁས་པ་ཚུ་གིས་ཐུགས་ཐག་བཅད་དོ་བཟུམ་ ལྟ་རྫོང་ཟེར་བྲིས་ཏེ་ཡོད་ ལྟ་རྫོང་འདི་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་དུས་རབས་ ༡༧ པའི་བར་མཚམས་ལུ་ སྟོབས་ཆེ་བའི་རྒྱ་གར་དང་བོད་དང་ སོག་པོའི་དམག་དཔུང་ཚུ་འོང་ག་མ་འོང་བལྟ་ནི་གི་དོན་ལུ་ འབྲུག་རྒྱལ་ཁབ་ཀྱི་སྡེ་སྲིད་གཉིས་པ་ལ་སྔོན་པ་བསྟན་འཛིན་འབྲུག་སྒྲ་དང་ ཆོས་རྗེ་མི་འགྱུར་བརྟན་པ་གཉིས་ཀྱིས་ བཞེངས་གནང་ནུག། ལྟ་རྫོང་དེ་གི་བཟོ་དབྱིབས་ཡང་སྒོར་སྒོརམ། ཐོག་ཚད་བདུན་ནང་ལུ་ཁང་མིག་ལེ་ཤ་ཡོད་པའི་ཁར། སྐར་ཁུང་ཚུ་ཡང་ལེ་ཤ་མཐོང་ནི་ཡོད་མི་འདི་ ཕྱི་ལས་དམག་དཔུང་ལན་ཐེངས་མང་རབས་ཅིག་དྲངས་ཏེ་ སྤ་རོ་གི་གཡུས་ཚན་དེ་ བོད་ཀྱི་རྒྱལ་ཁབ་དང་ཐག་ཉེ་བའི་རྐྱེན་ལས་ དགའ་ཏོག་ཏོ་དང་སྐྱིད་ཏོག་ཏོ་མེད་པར་སྡོད་པའི་སྐབས་སུ་ལུ་ དགའཝ་སྐྱིད་པའི་ཉི་མ་ཤར་བཅུག་པའི་ རྫོང་ཁྱད་པར་དུ་འཕགས་པ་ཅིག་ སྔར་མེད་གསར་དུ་བཞེངསམ་ལས་ཚུར་བོད་སོག་གི་དམག་ལན་གྲངས་ག་དེམ་ཅིག་འོངས་འདི་འབད་རུང་ དགྲ་ལས་རྒྱལ་ཁ་ཐོབ་ལས་བརྟེན་ ལྟ་རྫོང་དེ་དགྲ་བྱང་ཕྱད་འདི་ཚུ་ལས་ རྣམ་པར་རྒྱལ་ཚུགས་པའི་རྫོང་གཞི་ངོ་མ་ཅིག་ཨིན་མས། འབྲུག་རྒྱལ་ཁབ་ནང་གི་རྫོང་གཞི་ཚུ་ མང་ཆེ་བ་ཉམས་བཅོས་ཤོར་ཏེ་འབད་རུང་ སྤ་རོ་ལྟ་རྫོང་དེ་རྩིགཔ་བརྟན་ཏོག་ཏོ་ཡོད་པའི་བརྟགས་མཚན་དེ་ཡང་མི་ལོ་ ༣༥༤ ས་ཡོམ་དང་ རླུང་ཚུབ་ལ་སོགས་པའི་རྐྱེན་ངན་ལེ་ཤ་བྱུང་དེ་འབད་རུང་ རྩིགཔ་ལུ་སྐྱོན་གང་ཡང་མེད་པར་ བརྟན་ཏོག་ཏོ་སྦེ་རང་ཡོད་རུང་། བར་སྐབས་ཅིག་ལས་ ལག་ལེན་མ་འཐབ་པར་ཡུན་རིངམོ་སྦེ་ལུས་སོངམ་ལས་བརྟེན། སྤྱི་ལོ་ ༡༩༦༦ ལུ་མི་དབང་ཆོས་རྒྱལ་གསུམ་པ་མཆོག་གིས་ ལྟ་རྫོང་འདི་ཉམས་གསོ་མཛད་གནང་པའི་ཤུལ་ལས་ ཐུགས་ཀྱི་དགོངས་པ་བཞིན་དུ་ ཤེས་ཡོན་གོང་འཕེལ་ལུ་དམིགས་གཏད་བསྐྱེད་དེ་ འབྲུག་གི་ཅ་རྙིངམ་ཚུ་ མི་དམང་ལུ་འགྲེམས་སྟོན་འབད་སའི་ འགྲེམས་སྟོན་ཁང་ལུ་བཟོ་གནང་ནུག། ད་ལྟོ་ཡང་འགྲེམས་སྟོན་ཁང་སྦེ་ལག་ལེན་འཐབ་སྟེ་ཡོད།
ཆགས་རབས།
ཞུན་དགས་གནས་ག་ནི་བ་ཉམས་དགའ་བའི་སྤོ་ཏོག་ཁར་ ཆགས་འདི་ཡོད་པའི་ལྟ་རྫོང་དེ་ཧེ་མ་ དུས་རབས་ ༡༧ པའི་བར་མཚམས་ཅིག་ལས་ བཞེངས་ཏེ་ཕྱིའི་དམག་དཔུང་ལན་ཐེངས་མང་རབས་ཅིག་འོང་འདི་འབད་རུང་ བཟློག་ཚུགས་པའི་རྫོང་ཨིནམ་ལས། ད་རེས་ནངས་པ་རྒྱལ་ཁབ་ཀྱི་ ཅ་རྙིང་འགངས་ཅན་ཚུ་བདག་འཛིན་འབད་སའི་ལྟེ་བ་གཅིག་ལུ་གྱུར་ཏེ་ ང་བཅས་ག་ར་གིས་མངོན་སུམ་དུ་ མཇལ་ནི་ཡོད་མི་འདི་ཡ་མཚན་ཆེ་བ་ཅིག་ཨིན་ལས། ཤུལ་ལས་འབད་རུང་ དུས་ནམ་ཡང་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ དཔལ་ལྡན་འབྲུག་པའི་བསྟན་སྲིད་ལུ་ཕན་ཐོག་པའི་སྨོན་འདེབས་ཞུཝ་ཨིན།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་མཐོ།
ཞུན་དག༡༽ ནུབ་རྫོང་དཔའ་བོའི་གད་རྒྱང་། ཞིབ་འཚོལ་གོ་རིམ་བཞི་པ་ ཁ། དཔར་ཐེངས་གཉིས་པ།
༢༽ འབྲུག་རྒྱལ་ཡོངས་འགྲེམས་སྟོན་ཁང་། སྤ་རོ། (སྤྱི་ལོ ༢༠༠༩)