སྟག་ཚེར་མེ་ཏོག།
ཀུན་གྱི་དགའ་བའི་མེ་ཏོག།
མིང་ཡང་་སྟག་ཚེར་ཟེརཝ་མས།།
སེརཔ་སྦྱངམ་མང་གི་རྒྱན་ཆ།།
ལྷ་ལུ་ཕུལ་རུང་ཕང་མས།།
ངེ་གི་སྙིང་དང་འདྲ་བའི།།
སྟག་ཤར་གཞོན་པ་ཁྱོད་ལུ།།
བཀྱག་སྟེ་བྱིན་གེ་ཟེར་རུང་།།
ལེན་མི་མེད་པ་ལུས་སོང་།།
དུས་ཚོད་རིམ་གྱི་རྫོགས་ཚེ།།
བཀྲག་མདངས་ཡལ་སྟེ་འགྱོཝ་མས།།
ལེན་ནི་མནོ་བསམ་ཡོད་ན།།
འཕྲལ་དང་འཕྲལ་རང་འོང་གནང་།།
གལ་ཏེ་དུས་ཚོད་མེད་ན།།
བཀྲ་སྒང་བསི་ནང་བཙུགས་ཏེ།།
བུུ་ཁྱོད་འབད་ས་བཏང་དོ།།
ལམ་ཁར་སྒུག་སྟེ་སྡོད་གནང་།།