འབྲུག་རྒྱལ་ཁབ་ཀྱི་་ལོ་རྒྱུ།

འབྲུག་རྒྱལ་ཁབ་འདི་སྔོན་ཞབས་དྲུང་མ་འབྱོན་པའི་དུས་ལུ་ལྷོ་མུན་ཟེར་བའི་གཡུས་ཅིག་དང་རྒྱལ་ཁབ་ཀྱི་ངོ་རྟགས་ལམ་སྲོལ་ཡང་གཞན་དང་མ་འདྲཝ་བའི་ངོོས་འཛིན་མེད་པ་ ལུང་པ་རེ་ལུ་དཔོན་རེ་འཐོན་འདི་ རྒྱལ་ཁབ་འདི་ནང་དགའ་སྐྱིད་ཟེར་བའི་ཚིག་ཙམ་ཅིག་མ་གཏོགས་ནང་གི་སེམས་ལུ་དགའ་བ་དང་ཞི་བདེ་ཟེར་མི་འདི་ཡོད་རང་མེད་པའི་གནས་སྟངས་ཅིག་འབད་སྡོད་ནུག ཨིན་རུང་འབྲུག་མི་བསོད་ནམས་སྤྱི་མཐུན་ལས་འགྲུབ་པའི་ཞབས་དྲུང་ངག་དབང་རྣམས་རྒྱལ་མཆོག་འབྲུག་ལུ་འབྱོན་པའི་ཉིནམ་ལས་ཚུར དགའ་བ་དང་སྐྱིད་པའི་སྣང་བར་ཤར་འདི་སྤྱི་ལོ་༡༦༢༧ ལོར་རྒྱལ་ཁབ་ལུ་འབྲུག་རྒྱལ་ཁབ་དང་ མི་གསེར་ལུ་འབྲུག་མི་ འདི་བཟུམ་སྦེ་ ཁ་སྐད་ལུ་རྫོང་ཁ་ ཆོས་དང་སྲིད་གཉིས་ཀྱི་ཁྲིམས་ལུགས་སྒྲིང་སྒྲིག་སྦེ་བརྩུགས་འདི་ རྒྱལ་ཁབ་ཕ་རྒྱུད་བུ་རྒྱུད་འབད་རྩིས་སྤྲོད་ནིའི་དོན་ལུ་ སྡེ་སྲིད་དང་པ་དབུ་མཛད་བསྟན་འཛིན་འབྲུག་རྒྱལ་ལས་འགོ་བཟུང་ སྡེ་རྶྲིད་ལྔ་དགུ་པ་ཕྱོགས་ལས་ཡེ་ཤེས་དངོས་གྲུབ་ཀྱི་བར་ སྡེ་སྲིད་རིམ་འབྱོན་གྱིས་སྐྱོང་བའི་རྒྱལ་ཁབ་ཅིག་འབད་རུང་ དེ་ལས་ཚུར་མི་དབང་རིམ་འབྱོན་ལུ་ལུང་བསྟན་འབབས་འདི་ སྤྱི་ལོ་ ༡༩༠༧ ལུ་འབྲུག་རྒྱལ་དང་པའི་གསེར་ཁྲི་འགུ་གོང་ས་ཨྱོན་དབང་ཕྱུག་འབྱོན་འདི་ འདི་ལས་ཚུར་རྒྱལ་རབས་ལྔ་པའི་བར་རྒྱལ་ཁབ་སྔར་ལས་ལྷགཔ་སྦེ་དགའ་ཏོག་ཏོ་སྦེ་བྱུང་ཡོད།[]

  1. 99936-22-52-4
  2. added in dzongkha