ཞིང་ཁམས།
ཀུན་གྱི་འདོད་པའི་ཞི་བདེ།།
སེམས་ཀྱི་རྒྱུད་ལ་ཚིམ་ཤོག།
སྡུག་བསྔལ་མཐའ་དང་བྲལ་ན། །
སེམས་ཀྱི་ཞིང་ཁམས་གནས་སོང་། །
མི་རྣམས་ཀུན་གྱི་དགའ་བའི། །
ང་བཅས་འབྲུག་གི་རྒྱལ་ཁབ། །
ཞི་བདེ་ཕུན་སུམ་ཚོགས་ཡོད། །
ཞིང་ཁམས་གནས་ལ་འཕོ་འགྱུར །
བློ་གསལ་དབྱངས་ཅན་གླིང་དུ། །
དམ་ཆོས་ཡོངས་རྫོགས་གནས་པ། །
ཉམས་ལེན་བསྟན་པ་དར་བ། །
དེ་ཡང་ཞིང་ཁམས་དབྱེར་མེད། ། ༼༢༠/༧/༢༤༽