ཉི་ཧོང་གི་རྒྱལ་ས་ཊོཀ་ཡོ།

ཊོ་ཀི་ཡ

ཀྲོ་ཀི་ཡོ་ (ཨིང་ལིཤ: Tokyo Metropolis)ནི་ཉི་ཧོང་གི་རྒྱལ་ས་དང་ཀན་ཏོ་མངའ་ཁོངས་སུ་ཆགས་ཡོད། ཊོ་ཀི་ཡོ་ཁྲོམ་ཆེན་གཞུང་འདི་ ཤིན་ཇུ་ཀུ་རྫོང་ཁག་ནང་ལུ་ཡོདཔ་ཨིན།

དེ་ནང་ རྫོང་ཁག་(དམིགས་བསལ་རྫོང་ཁག་༢༣) དང་ ཏ་མ་ལུང་ཕྱོགས་(ནི་ཤི་ཏ་མ་རྫོང་ཁག་ནང་ ཁྲོམ་སྡེ་༢༦ ཁྲོམ་སྡེ་༣ དེ་ལས་ གཡུས་ཚན་༡) དེ་ལས་ མཚོ་གླིང་ལུང་ཕྱོགས་(ཁྲོམ་སྡེ་༢ དང་གཡུས་ཚན་༧) ཚུ་ཚུདཔ་ཨིན་པས།

ས་ཆའི་གནས་སྟངས་དང་འཁྲིལ་བ་ཅིན་ ཊོ་ཀི་ཡོ་གི་ཆ་ཤས་ངོ་མ་འདི་ ལྷོ་ནུབ་ཀན་ཊོ་ལུང་ཕྱོགས་ནང་ལུ་ཆགས་ཏེ་ཡོདཔ་ད་ ཁྲོམ་ཆེན་གྱི་ས་ཁོངས་རིངམོ་དང་རྒྱ་ཆུང་ཀུ་ཅིག་ ཤར་ལས་ནུབ་ཁ་ཐུག་ལུ་ཁྱབ་སྟེ་ཡོདཔ་ད་ ཤར་ཕྱོགས་འདི་ ཊོ་ཀི་ཡོ་མཚོ་ཁར་གདོང་གཏད་དེ་ཡོདཔ་ཨིན། ནུབ་ཕྱོགས་འདི་ ཀན་ཏོ་རི་བོ་ཨིནམ་ད་ རི་བོ་ཀུ་མོ་ཊོ་རི་འདི་ མཐོ་ཤོས་ཅིག་ཨིན། དེ་མིན་པེ་སི་ཕིག་རྒྱ་མཚོའི་ནང་ཨི་ཟུ་གླིང་ཕྲན་དང་ཨོ་ག་ས་ཝ་ར་གླིང་ཕྲན་གཉིས་ཡོད།


"https://dz.wikipedia.org/w/index.php?title=ཊོ་ཀི་ཡ&oldid=33347" ལས་ སླར་འདྲེན་འབད་ཡོདཔ།