གཡང་རྩེ་གདོང་དེ་རྫོང་། Yangtse Dongdhey Dzong
ངོ་སྤྲོད།
ཞུན་དགབཀྲིས་སྒང་ལས་ཡར་བཀྲིས་གཡང་རྩེ་ལྟ་འོང་པའི་སྐབས་ལུ་ས་གནས་ལང་ལཱ་ཟེར་ས་ལྷོདཔ་ད་ལུ་ ཤིང་རིངམོ་གི་འོག་ལས་ཡར་ལྟཝ་ད་ག་ནི་བ་ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ཚུགས་མི་རྫོང་འདི་བཀྲིས་གཡང་རྩེ་གི་རྫོང་རྙིངཔ་འདི་ཨིན་མས། རྫོང་འདི་གཞུང་ལམ་ལས་ཀི་ལོ་མི་ཊར་གཉིས་དེ་ཅིག་གི་ས་ཁར་ཁོ་་ལོང་ཆུ་དང་གདོང་སྡེ་ཆུ་གི་སྤོ་ཏོ་གུར་ཆགས་ཏེ་ཡོདཔ་ཨིན་མས། འ་ནཱི་འདི་ཧེ་མ་བཀྲིས་གཡང་རྩེ་དྲུང་ཁག་གིས་བགད་སྐྱོང་གིས་ལཱ་འདི་ཚུ་ དེ་ཁ་ལས་འབད་ཡོདཔ་ཨིན་མས། དེ་བསྒང་བཀྲིས་སྒང་གི་རྫོང་ཁག་འོག་ལུ་དྲུང་ཁག་གཅིག་སྡོད་ཡོདཔ་ཨིན། ད་ལྟོ་རྫོང་འདི་གཞུང་གྲྭ་ཚང་གིས་སྡོད་ས་བཟུང་སྟེ་རྫོང་ཁག་བདག་སྐྱོང་འདི་ད་ལྟོའི་རྫོང་གསརཔ་ཆགས་ཏེ་ཡོད་ས་ལུ་སྤོ་བཤུད་འབད་དེ་ཡོདཔ་ཨིན། རབ་སྡེ་གི་དབུ་མཛད་ཀུན་བཟང་མཆོད་རྟེན་གྱིས་བཤད་མི་ནང་ལུ་ གྲྭ་ཚང་འདི་སྤྱི་ལོ་ ༡༩༩༩ ལོ་ལུ་མི་དབང་འབྲུག་རྒྱལ་བཞི་པ་གསེར་ཁྲི་གུ་ལུ་ཕེབས་ཏེ་དགུང་ལོ་ཉི་ཤུ་རྩ་ལྔ་བཞུགས་མི་གི་དུས་སྟོན་བརྩི་སྲུང་དང་འབྲེལ་ཏེ་གཞི་བཙུགས་འབད་ཡོདཔ་ཨིན་མས།
བྱུང་རབས།
ཞུན་དགཁོ་གིས་བཤད་མི་ནང་ལུ་རྫོང་འདི་གི་མིང་འདི་འགོ་དང་པ་གདོང་སྡོད་རྫོང་ཟེར་སླབ་མི་འདི་ གཡང་རྩིཔ་གི་ཁ་སྐད་ནང་ལུ་འཕྱད་འོང་ཟེར་སླབ་པའི་བློ་ཨིན་ཟེར་བཤདཔ་ཨིནམས། ཀུན་བཟང་མཆོད་རྟེན་གྱིས་སླབ་དོ་བཟུམ་འབད་བ་ཅིན་ དེ་བསྒང་ལྷུན་རྩེ་སྐུར་སྟོད་ཀྱི་མི་དང་བཀྲིས་གཡང་རྩེ་གི་མི་ཚུ་གིས་ བསྟུན་གྲོས་འབད་དེ་ད་ལྟོ་རྫོང་འདི་ཆགས་ཡོད་པའི་ས་ཁར་གདོང་སྒོར་སྦེ་ཕྱད་དེ་བློ་སླབ་མི་ལུ་བརྟེན་ཏེ་ ས་གནས་ཀྱི་མིང་དེ་ཡང་གདོང་སྡོད་ཟེར་དར་ཁྱབ་སོང་ཡོདཔ་ཨིན་མས། གདོང་སྡེ་ཆུ་འདི་ ཞ་སྡེ། ལི་ཅིན་དང་དྷ་ལི་མང་གཡུས་ཚན་གསུམ་གྱི་སོ་སོར་ཕྱད་དོ་ཡོདཔ་ཨིན་མས། འ་ནཱི་གཡུས་ཚན་དང་མཐོ་བའི་གངས་རི་འདི་གིས་སྐུར་སྟོད་དང་གཡང་རྩེ་གཉིས་སོ་སོ་ཁག་ཕྱེ་མི་གི་རི་གདོང་ལ་ཟེར་མི་འདི་ཨིན་མས། རྫོང་འདི་མི་ངོམ་ག་གིས་བཞེས་ཡོདཔ་ཨིན་ན་དང་ནམ་བཞེངས་ཡི་ག་གི་ཁ་གསལ་ཚུ་ག་ར་ ལོ་ངོ་དག་པ་ཅིག་གི་ཧེ་མ་རྫོང་འདི་མེ་མཆོད་བཞེས་པའི་སྐབས་ལུ་འཚིག་ཡོདཔ་ཨིནམ་སྦེ་ བླམ་ཀུན་བཟང་མཆོད་རྟེན་གྱིས་བཤདཔ་ཨིན་མས། ད་ལྟོ་ཡོད་པའི་རྫོང་འདི་ཤུལ་ལས་བཞེངས་ཡོདཔ་ཨིན་མས།
གདོང་སྡེ་རྫོང་འདི་ཐོག་གསུམ་སྦེ་ཡོད་མི་ནང་ལུ་ ཐོག་ཚད་དང་པ་ནང་ལུ་མཛོད་ཁང་། ཐོག་ཚད་གཉིས་པ་ནང་ལུ་རྫོང་གི་བདག་སྐྱོང་ཡིག་ཚང་དང་ ཐོག་ཚད་གསུམ་པ་ནང་ལུ་དཔལ་ཡེ་ཤེས་མགོན་པོའི་མགོན་ཁང་དང་ འཕགས་པ་བཅུ་གཅིག་ཞལ་ཚུ་བཞུགས་ཡོདཔ་ཨིན་མས། རྫོང་འདི་ནང་གི་ནང་རྟེན་གཙོ་བོ་འདི་ཕིཊ་གཅིག་དང་ཕྱེད་འབད་མི་བཅུ་གཅིག་ཞལ་འདི་ཨིནམ་སྦེ་བླམ་ཀུན་བཟང་མཆོད་རྟེན་གྱིས་སླབ་ཨིནམ་མ་ཚད་ དོ་རུང་ཁོ་གིས་སླབ་མི་ནང་ལུ་རྫོང་འདི་མེ་མཆོད་བཞེས་པའི་སྐབས་ལུ་ བཅུ་གཅིག་ཞལ་འདི་ཡང་རྫོང་འདི་གི་ཕྱེངམ་བྲག་ཟེར་རྫོང་འདི་གི་གཞན་ཕྱོགས་ཁར་ཡོད་པའི་བྱག་ནང་ལུ་བྱོན་ཡོདཔ་སྦེ་བཤདཔ་མ་ཚད་ དེ་བསྒང་རྫོང་དེ་ཁར་ལཱ་འབད་མི་ཚུ་གིས་བཅུ་གཅིག་ཞལ་གྱི་སྐུ་འདྲ་འདི་ག་ཏེ་ཡོད་ག་མ་ཤེས་པར་ཕར་ཚུར་ལྟ་བའི་བསྒང་ ནུབ་མོ་ཕྱེངམ་བྲག་གི་ཕྱོགས་ལུ་མེ་འབར་ས་མཐོང་ཡོད་ས་ལུ་ དྲོ་པ་ཧ་སག་སྟེ་ལྟ་བར་འགྱོ་བའི་བསྒང་ལས་སྐུ་འདྲ་འདི་ཕར་བཞུགས་ཏེ་ཡོདཔ་མཐོང་སྟེ་ལོག་རྫོང་ནང་ལུ་གདན་འདྲེན་ཞུ་ཡོདཔ་སྦེ་བཤདཔ་ཨིན་མས།
ང་བཅས་ར་འབྲུག་རྒྱལ་ཁབ་ནང་ལུ་བཀྲིན་ཅན་གྱི་བདག་ཉིད་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡབ་ མི་ཕམ་བསྟན་པའི་ཉི་མ་གིས་ཡང་རྫོང་འདི་ཁར་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་ཡོདཔ་ཨིན་མས། དེ་ཡང་ད་ལྟོ་རྫོང་ཡོད་པའི་ས་གོ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་པོ་ཏ་ལ་ཨིནམ་སྦེ་བཤདཔ་ཨིནམ་མ་ཚད་ དེ་གི་གཡས་གཡོན་ལུ་ཡོད་པའི་གཙང་ཆུ་གཉིས་འདི་རྫོང་ལུ་མཆོད་པ་ཕུལ་བའི་ཚུལ་ཨིནམ་སྦེ་བཤདཔ་ཨིན་མས། རྫོང་འདི་གཡང་རྩེ་ཁྲོམ་ལས་ཀི་ལོ་མི་ཊར་བཞི་དེ་ཅིག་གི་ས་ཁར་ཆགས་ཡོདཔ་ད་ རྫོང་འདི་གི་ཁ་གསལ་དག་པ་ཅིག་དང་འཁྲིལཝ་ད་ རྫོང་འདི་གི་མཚན་ཡང་གདོང་སྡོད་ཟེར་བཏགས་དགོ་པའི་རྒྱུ་མཚན་ཡང་ གདོང་སྡོད་ལ་ལས་བརྒྱུད་དེ་འབབ་པའི་ཆུ་འདི་རྫོང་གི་མཐའ་མར་ལས་འབབ་མི་ལུ་བརྟེན་ཏེ་ རྫོང་འདི་གི་མཚན་ཡང་དེ་སྦེ་གསོལ་ཡོདཔ་ཧྦེ་ཨིན་མས།
ལ་ལུ་ཅིག་གིས་རྫོང་འདི་བཞེངས་མི་བོད་ཀྱི་རྒྱལཔོ་གཙང་མ་གི་སྲས་གོང་དཀར་རྒྱལ་པོ་ཨིནམ་སྦེ་སླབ་དོ་ཡོདཔ་ད་ དེ་བསྒང་བོད་དམག་གིས་གདོང་ལུངམ་གི་མི་སེར་ཚུ་བྱོག་འགྱོ་དགོཔ་ཐོན་ནུག། ཀུན་བཟང་གིས་རྫོང་འདི་གི་གྱང་ཁོག་གི་ཤུལ་འདི་ད་ལྟོ་ཡང་མཐོང་ས་ཡོདཔ་སྦེ་སླབ་ཨིན་མས། རྒྱུ་ཁུངས་དང་འཁྲིལཝ་ད་རྫོང་འདི་དུས་རབས་ ༡༤ པའི་ནང་ལུ་བྱོན་མི་ འབྲུག་རྒྱལ་ཁབ་ནང་ལུ་ཡོངས་གྲགས་ཅན་གྱི་གཏེར་བཏོན་པདྨ་གླིང་པ་གིས་བཞེངས་ཞིནམ་ལས་ མཚན་ཡང་བཀྲིས་གཡང་རྩེ་རྫོང་ཟེར་བཏགས་ཡོདཔ་སྦེ་སླབ་མ་ཚད་ གདོང་སྡོད་རྫོང་འདི་འབྲུག་གི་སྡེ་སྲིད་གསུམ་པ་ཆོས་རྒྱལ་མི་འགྱུར་བསྟན་པ་གིས་རྫོང་དྲུག་བཞེངས་མི་ནང་ལས་གཅིག་ཨིནམ་སྦེ་བཤདཔ་ཨིན་མས།
ཁོ་ལོང་ཆུ་ཁ་ཐུག་གི་གྱེན་གུར་ས་གནས་ཀྱི་གནས་པོའི་ཕོ་བྲང་ཆགས་ཏེ་ཡོདཔ་དང་ དེ་གི་ལྟག་ལུ་ལྟ་རྫོང་ཡོདཔ་ཨིན་མས། ས་གསན་ཀྱིས༌མི༌སེར༌ཚུ༌གིས༌སླབ༌མི༌ནང༌ལུ༌ཆུ༌རྫོང༌གི༌གྱང༌ཁོག༌ཤུལ༌ཡོད༌མི༌འདི༌འཕྲལ༌ཁམས༌ཅིག༌ཁར༌རྐྱབ༌སྟེ༌ཡོད༌པའི༌སྣུམ༌འཁོར༌ལམ༌བཏོནམ༌ད༌མེདཔ༌བཏང༌ཡོདཔ༌སྦེ༌སླབ༌ཨིན༌མས།བཀྲིས༌གཡང༌རྩེ༌འདི༌རྫོང༌གཞི༌སོ༌སོ༌སྦེ༌སྤྱི༌ལོ༌༡༩༩༢ལུ༌སོང༌ཡོདཔ༌ད༌རྫོང༌འདི༌ཉམས༌གསོ༌ཞུ༌ཞིན༌ན༌སྤྱི༌ལོ༌༢༠༠༥ལུ༌སྐྱབས༌རྗེ༌རྗེ༌མཁན༌རིན༌པོ༌ཆེ༌གིས༌རབ༌གནས༌མཛད༌གནང༌ཡོདཔ༌ཨིན། (ཉི་མ་དབང་འདུས། གནམ་ལོ་མེད། སྤྱི་ལོ་༌༢༠༢༢)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ༌རྟེན༌དཔེ༌ཐོ།
ཞུན་དག༡. ཉི་མ་དབང་འདུས། ཀུན་གསལ། གདོང་སྡེ་རྫོང་གི་སྲུང་། གནམ་ལོ་མེད། སྤྱི་ལོ་མེད་ ༢༠༢༢། ཡོངས་འབྲེལ་ཁ་བྱང་། https://kuenselonline.com/the-story-of-dongdi-dzong/